ཡི་གུའི་སྦྱར་བ་། ༼ སྔོན་འཇུག་གི་འཇུག་ཚུལ། ༽
༡༽ སྔོན་འཇུག་བ་གི་མིང་གཞི་ཕོ་ ཀ་ཅ་ཏ་ཙ་ ལ་འཇུག་ཚུལ།
དོན་ཚན : བརྟགས་ཤིང་དཔྱད་དགོཔ།
སྤྱར་བཏང་ལུ་ ལཱ་དང་བྱ་བ་ག་ཅི་ར་འབད་རུང་ དགོ་མ་བཙུགས་པའི་ཧེ་མ་ ན་འཐན་བརྟགས་ཤིང་དཔྱད་དེ་འབད་དགོཔ་འདི་ ཁག་ཆེ་བས། དཔེ་ཅིག་ཞུ་བ་ཅིན་ ད་རེས་ནངས་པ་ན་གཞོན་ཚུ་ གཅིག་གི་གཅིག་གི་སྐོར་ལས་ ག་ཅི་ཡང་མ་ཤེས་པ་ གཉེན་རྐྱབ་སྲོལ་འདུག། དེ་ཚུ་ ལོག་ཤུལ་ལས་ སྟབས་མ་བདེཝ་ མ་འཐོན་ནིའི་ དོན་ལུ་ བརྟགས་ཤིང་དཔྱད་ནི་ ལུ་དམིགས་གཏད་བསྐྱད་བཅུག་དགོ།དེ་འབདཝ་ལས་ ལཱ་ག་ཅི་ར་འབད་རུང་ བསྐྱར་ཞིབ་འབད་དགོཔ་འདི་ གལ་ཆེ་བས་ལགས།
༢༽ སྔོན་འཇུག་བ་གིས་མིང་གཞི་མོ་ལས་ སྔོན་འཇུག་ག་ད་མ་འ ལུ་འཇུག་ཚུལ།
དོན་ཚན : ཡར་རྒྱས།
རྒྱལ་ཁབ་ཡར་རྒྱས་འགྱོཝ་དང་ བསྟུན་ཏེ་དཔལ་འབྱོར་གོང་འཕེལ་ལུ་ ཕན་འཐོ་དོ་ཡོདཔ་ མ་ཚད་ན་གཞོན་ཚུ་ལུ་ཡང་ལཱ་གཡོག་ཚུ་ནང་འབྲེལ་གཏོགས་ འབད་ཚུགས་དོ་ཡོདཔ་མས། ན་གཞོན་ཚུ་ནང་ལས་ ཚེ་རིང་དབང་ཕྱུག་གི་སླབ་མི་ནང་ལཱ་གཡོག་ཚུ་ནང་ ཡོན་ཏན་མ་འདྲཝ་ཚུ་འཐོབ་རུང་དཀའ་ངལ་ཐོན་མས་ཟེར་བཤདཔ་ཨིན་མས།་དེ་འབདཝ་ལས་རྒྱལ་ཁབ་ཡར་རྒྱས་ཅན་ཅིག་བཟོ་ནིའི་དམིགས་གཏད་བསྐྱེད་དགོཔ་འདི་གལ་ཆེ་བས།
Comments
Post a Comment