Posts

Showing posts from May, 2025

གན་རྒྱ།

༉   རང་ལུགས་གནམ་ལོ་ ཤིང་མོ་སྦྲུལ་ལོ་རང་ཟླ་༧པའི་ ཚེས་༨ལུངམ་སྤྱི་ཚེས་༡༧/༠༥/༢༠༢༥ལུ་ སྤ་རོ་ཆ་འདུས་ ནཱ་ཇ་རྒེད་འོག་ གཡུས་སི་སུ་ནང་ལས་ མི་ཁུངས་ངོ་སྤྲོད་ལག་ཁྱེར་ཨང་༡༠༧༢༣༤༥༦༩༨༧ ཅན་མ་འཆང་མི་ ངོམ་ཟླ་བ་ཚེ་རིང་དང་ བཀྲིས་སྒང་ཆ་འདུས་ ཕོང་མེད་རྒེད་འོག་ གཡུས་ཕིམ་སོང་ མི་ཁུངས་ངོ་སྤྲོད་ལག་ཁྱེར་ཨང་༡༡༥༦༧༦༧༨༧༤༤ཅན་མ་འཆང་མི་ ངོམ་དབང་མོ་གཉིས་པོ་གན་རྒྱ་བཟོ་བའི་ནང་དོན་ལུ་ ངོམ་ཟླ་བ་ཚེ་རིང་ནས་ ངོམ་དབང་མོ་ལས་༩༡༠༠༠/-(དགུ་ཁྲི་གཅིག་སྟོང་།) ཐམ་པ་བསྐྱི་ཡོདཔ་ལས་ དངུལ་སླར་ལོག་མོ་ལུ་ ལོ་ངོ་གཅིག་གིས་ནང་འཁོད་ལུ་ ཚངམ་འབད་སྤྲོད་ནི་ཟེར་བའི་ གན་འཛིན་བཟོ་བསྒྲུབས་ཨིན། ད་རེས་སྤྱི་ཚེས་ལུ་ངོམ་ཟླ་བ་ཚེ་རིང་གིས་ འབྲུག་དངུལ་ཁང་ཚད་ཀྱི་རྩིས་ཁྲ་ཨང་༡༢༣༤༥༦༧༨༩ཅན་མ་ནང་དངུལ་༩༡༠༠༠/-(དགུ་ཁྲི་གཅིག་སྟོང་།) ཐམ་པ་ mBOB ཐོག་ དཔང་པོ་ངོམ་གཙུན་འབྲུག་རྡོ་རྗེ་འཛོམས་ཐོག་བཙུགས་བྱིན་ཡོདཔ་ཨིན། གལ་སྲིད་ཤུལ་ལས་ གན་འཛིན་དང་འཁྲིལ་ ཉོགས་བཤེད་གང་རུང་འཐོན་སྟེ་འབད་རུང་ དེའི་གཞུང་གི་ཁྲིམས་ལུག་ལྟར་དུ་ཕྱག་ཞུ་ནི་ཟེར་ གན་རྒྱ་བཟོ་ཡོདཔ་ཨིན།   ༡༽ དངུལ་ལེན་མི་ ངོམ་ཟླ་བ་ཚེ་རིང་གིས་རྟགས།   ༢༽ དངུལ་སྤྲོད་མི་ ངོམ་དབང་མོ་གིས་རྟགས།   ༣༽ དཔང་པོ་ངོམ་གཙུན་...

གསལ་བསྒྲགས།

ས་སྟོངས་གསལ་བསྒྲགས། ད་རེས་ གཞུང་ས་གཏེར་ལས་འཛིན་ཀྱིས་ སྤྱི་ཚེས་ ༡༦/༠༥/༢༠༢༥ ལུ་ ཞལ་འཛོམས་ཐེངས་ ༨༠ པའི་ གྲོས་ཚད་དང འཁྲིལ་ཏེ་ འོག་ལུ་འཁོད་པའི་གཡོག་གི་ས་སྟོང་གསལ་བསྒྲགས་འབདཝ་ཨིན། ཨང་། གོ་གནས། གོ་གནས་གནས་རིམ། ས་སྟོང་། ཤེས་ཚད།   ༡   མཉམ་འབྲེལ་མདོ་ཆེན།   EX2   ༡   གཙུག་ལག་ཤེས་ཡོན་དགོ་པའི་ཁར་ མི་སྟོབས་ཐོན་སྐྱོད་དགོཔ། དེ་དང་གཅིག་ཁར་ ལོ་བཅུ་གི་མཉམ་མྱོང་དགོཔ། བྲུག་མི་དང་འདོད་ཅན་དང་ ཁྱད་ཚད་ལྡན་མི་ ཞི་གཡོགཔ་ཚུ་གིས་ གཤམ་འཁོད་ཡིག་རིགས་མཉམ་སྦྲག་འབད་ ཞུ་ཡིག་ སྤྱི་ཚེས་ ༡༦/༠༥/༢༠༢༥ ནང་འཁོད་ གཞུང་ས་གཏེར་ལས་འཛིན་ཚད་ནང་བཙུགས་གནང་། ཡིག་ཆ་ཚང་དགོཔ། ༡. ངོ་སྤྲོད་ལག་ཁྱེར་འདྲ་པར། ༢. རྩིས་ཞིབ་ཉོག་མེད་ཡི་གུ། ༣. ཁྲིམས་སྲུང་ཉོག་མེད་ཡི་གུ། ༤. གསོ་བའི་ལག་ཁྱེར། ༥. སྲུང་སྐྱོབས་ཉོག་མེད་ཡི་གུ། ༦. ཤེས་ཡོན་གྱི་ཡི་གུ་ཐོ།   ༼གཙུག་ལག་ཤེས་ཚད་ལག་ཁྱེར།གཙུག་ལག་གཞི་རིམ་ལག་ཁྱེར། སློབ་རིམ་བཅུ་གཉིས་པའི་ལག་ཁྱེར།༽ ༧. ལས་ལྡེ་ལས་བཀག་མེད་ཡི་གུ། ༨. གདམ་འཐུ་གྲུབ་མི་ཚུ་  SMCL Webpage  ཐོག་ལས་གས...

དབྱེ་ཞིབ་སྙན་ཞུ།

ཡིག་ཨང་ ༠༡༢༣༤༥༦༧༨༩                                                                                                        སྤྱི་ཚེས་ ༩/༠༥/༢༠༢༥ ལུ། གཙུག་ལག་གཙོ་འཛིན་འོག་མ་མཆོག་ལུ། གཙུག་ལག་སློབ་སྡེ། ཤེས་རིག་དང་རིག་རྩལ་གོང་འཕེལ། ཐིམ་ཕུ།   རྩ་དོན། དབྱེ་ཞིབ་སྙན་ཞུ།   ཞུ་དོན། བསོད་ནམས་གྲོས་སྟོན་ལས་སྡེ་གིས་ བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭའི་ མཐུན་རྐྱེན་ཚུ་གི་ གནས་སྟངས་དབྱེ་དཔྱད་འབད་བའི་སྐབས་ བརྡ་དོན་འཕྲུལ་རིག་བརྟག་དཔྱད་ཁང་དང་ དཔེ་མཛོད་ རྩེད་རིགས་དང་ རྩེད་རིགས་ ཚན་རིག་སྡེ་ཚན་ དེ་ལས་ གཞན་མི་མཐུན་རྐྱེན་ཚུ་ དམིགས་གཏད་བསྐྱེད་དེ་ ཡར་དྲག་གཏང་དགོཔ་སྦེ་ མཐོང་ཡོདཔ་ཨིན་པས། མཐུན་རྐྱེན་ལ་ལུ་ཅིག་ ལག་ལེན་འཐབ་བཏུབ་ཡོད་རུང་ བརྡ་དོན་འཕྲ...

A Critical Look at Maslow and Self-Determination Theory in Educational Settings.

Image
Introduction According to Maslow’s Hierarchy of Needs , human needs are arranged in a pyramid-like structure, beginning with physiological needs such as food, water, and shelter, and ascending toward higher-level needs like self-actualization , which involve creativity, intellectual fulfillment, and personal growth. At the top of the hierarchy, self-actualization represents the realization of an individual's full potential. In contrast, Self-Determination Theory (SDT) is a comprehensive framework for understanding human motivation and personality . It focuses on two key elements: individuals' inherent tendencies toward growth and their innate psychological needs,  specifically autonomy, competence, and relatedness. This theory highlights the importance of supporting individuals’ sense of independence and personal agency, which not only enhances their motivation but also contributes significantly to their overall well-being and psychological health (Simply Psychology, 2024...

ཤེས་ཡོན་འབྲི་རྩོམ།

Image
དོན་ཚན : སློབ་གྲྭའི་ཤེས་ཡོན་རྩ་གཞུང་ནང་ལུ་   བརྡ་དོན་འཕྲུལ་རིག་འདི་ག་ཅི་འབད་ཁག་ཆེཝ་ཨིན་ན ? དུས་རབས་   ༢༡ ་པའི་ནང་ལུ་   བརྡ་དོན་དང་འཕྲུལ་རིག་ འདི་ ཉིན་བསྟར་གྱི་མི་ཚེ་ནང་ གཞི་རྩའི་གནས་སྟངས་ཅིག་ལུ་ འགྱུར་ཡོདཔ་ཨིན་པས། འཕྲུལ་རིག་འདི་ འཕྲོ་མཐུད་དེ་རང་ ཡར་རྒྱས་འགྱོ་བའི་བསྒང་ལས་ ཤེས་རིག་ལུ་ ཤན་ཞུགས་སྦོམ་སྦེ་རང་ འགྱོ་སྟེ་ཡོདཔ་ཨིན།   སློབ་གྲའི་སློབ་ཚན་ནང་ལུ་ བརྡ་དོན་འཕྲུལ་རིག་འདི་མེད་ཐབས་མེདཔ་ཅིག་ཨིན།  UNESCO ( 2011) ནང་ལུ་ བརྡ་དོན་འཕྲུལ་རིག་གིས་ ལག་ཆས་དང་ཐོན་ཁུངས་ཚུ་ བརྡ་སྤྲད་འབད་ནི་དང་ ཁྱབ་སྤེལ་འབད་ནི་ གསོག་འཇོག་འབད་ནི་ དེ་ལས་ འཛིན་སྐྱང་འཐབ་ནི་གི་དོན་ལུ་ ལག་ལེན་འཐབ་ཚུགསཔ་ཨིན་ ཟེར་བཤདཔ་དེ་འདུག། Pratima ( 2020) གི་འབད་བ་ཅིན་   སློབ་གྲྭའི་སློབ་ཚན་ནང་ བརྡ་དོན་འཕྲུལ་རིག་འདི་ སློབ་ཕྲུག་ཚུ་གི་སེམས་ཁམས་ཐོན་ཁུངས་ཚུ་ གོང་འཕེལ་བཏང་ནི་དང་ རང་དབང་ཅན་གྱི་ལྷབ་སྦྱང་འབད་ཚུགསཔ་བཟོ་ནི་ དེ་ལས་ འཕྲུལ་རིག་གི་འཛམ་གླིང་མགྱོགས་དྲགས་སྦེ་ འགྱུར་བ་འགྱོ་ནིའི་དོན་ལུ་ གྲ་སྒྲག་འབདཝ་ཨིན་   ཟེར་བཤདཔ་ཨིན་མས།   སློབ་ཚན་ནང་ བརྡ་དོན་འཕྲུལ་རིག་   སློབ་བྱོང་འབད་མི་ཚུ་ལུ་   སློབ་སྟོན...