སྡེ་ཚན་སྦྱང་ལཱ་ རྫོང་ཁའི་ཁ་སྐད།

སྡེ་ཚན་ དང་པ། སྐད་རིགས་ཀྱི་དབྱེ་བ།

༡་ སྡེབ་སྦྱར་ཅན་དང་རིས་མོ་ཅན།

རྫོང་ཁའི་ཁ་སྐད་འདི་  སྐད་རིགས་ཀྱི་དབྱེ་བའི་ནང་ལས་  སྡེབ་སྦྱར་ཅན་དང་རིས་མོ་ཅན་འབད་གཉིས་ཡོད་ས་ལས་  སྡེབ་སྦྱར་ཅན་གྱི་འོག་ལུ་ཚུདཔ་ཨིན། དེ་ཡང་རྫོང་ཁ་འདི་  ཡང་དང་གསལ་བྱེད་ཚུ་ལག་ལེན་འཐབ་སྟེ་འབྲི་གསལ་ཡིདཔ་ཨིན། སྡེབ་སྦྱར་ཅན་གྱི་ཡི་གུ་འདི་  ཕ་ལིིསི་ཐཱན་རྒྱལ་ཁབ་ལས་འཛམ་གླིང་ཤར་ནུབ་བརྒྱད་དེ་  ནུབ་ཕྱོགས་ཡུ་རོབ་དང་  རྒྱ་གར་གྱི་ཡི་གུ་ཚུ་  སྡེབ་སྦྱར་ཅན་གྱི་ཡི་གུ་  ཟེར་སླབ་ཨིན།  ང་བཅས་རའི་  ཡི་གུ་འདི་ཡང་  རྒྱ་ལས་བོད་ལུ་དར་  བོད་ལས་བརྒྱད་དེ་  འོངས་འོངསམ་འབད་ནི་འདི་གིས་  སྡེབ་སྦྱར་ཅན་གྱི་ཡི་གུའི་  གྲངས་སུ་ཚུདཔ་ཨིན། དེ་འབདཝ་ད་  རིས་མོ་ཅན་གྱི་གྲངས་སུ་མི་ཚུད། ག་ཅི་འབད་ཟེར་བ་ཅིན་ རིས་མོ་ཅན་གྱི་ཡི་གུ་འདི་  རི་མོ་ཡང་ན་  པར་མ་འདྲཝ་ཚུ་བྲིས་ཏེ་ ལག་ལེན་འཐབ་མི་ཅིག་ལུ་སླབ་ཨིན།  

༢་ གདངས་དབྱངས་ཅན་ཨིནམ་དང་མེནམ།

རྫོང་ཁའི་ཁ་སྐད་འདི་ གདངས་དབྱངས་ཅན་གྱི་ཡི་གུ་ཨིན།  དེ་ཡང་བརྗོད་པ་གཅིག་ནང་ སྒྲ་གཉིས་ལུ་དོན་དག་སོ་སོ་འབད་ཡོདཔ་ལས་བརྟེན་ཨིན།  དཔེ་འབད་བ་ཅིན་  རྫོང་ཁའི་ཡི་གུ་གསལ་བྱེད་སུམ་བཅུ་འདི་ཚུ་  ཅིག་ཁར་སྦྱར་ཏེ་ཡི་གུ་འབད་བཟོ་སྟེ་སླབ་པའི་སྐབས་སུ་  གསལ་བྱེད་གཅིགཔ་འདི་གིས་  ཁ་ལས་མཐོན་པའི་སྐབས་  སྟེད་སྒྲ་ཡང་ན་སྨད་སྒྲ་འབད་  སླབ་དགོཔ་འབྱུང་དོ་ཡོདཔ་ལས་  གདངས་དབྱངས་ཅན་གྱི་  ནང་སྲས་ཀྱི་དབྱེ་བའི་ནང་ཚུདཔ་ཨིན། 

༣་ གསལ་བྱེད་ཅན་ཨིནམ་དང་མེནམ།

རྫོང་ཁའི་ཡི་གུ་འདི་  གསལ་བྱེད་ཅན་གྱི་ཡི་གུ་ཨིན།  དེ་ཡང་རྫོང་ཁའི་ཡི་གུ་འདི་  གནས་སྟངས་ག་ཅི་བཟུམ་ཅིག་ནང་ཨིན་རུང་ གསལ་བྱེད་ཚུ་འགྱུར་འགྱོ་ནི་མེདཔ་ལས་  གསལ་བྱེད་ཅན་གྱི་ཡི་གུའི་ནང་སྲས་ནང་ཚུདཔ་ཨིན།

དཔེར་ན། གསལ་བྱེད་ ཀ། འདི་མིང་ཚིག་ག་ཅི་ནང་བཙུགས་ཏེ་འབད་རུང་ གསལ་བྱེད་ཁོ་རང་སྔར་ག་ཨིནམ་སྡོདཔ་མ་རྟོགས་  འགྱུར་གསལ་མེདཔ་ལས་ གསལ་བྱེད་ཅན་གྱི་ཡི་གུའི་དབྱེ་བའི་ནང་ཚུདཔ་ཨིན།


སྡེ་ཚན་ གཉིས་པ། མགྱོགས་ཡིག་དང་ཚུགས་ཡིག་གི་འབྱུང་ཚུལ། 
༡༽ མགྱོགས་ཡིག་གི་འབྱུང་ཚུལ།
མགྱོགས་ཡིག་འདི་ དུས་རབས་བརྒྱད་པའི་ནང་ གུ་རུ་རིན་པོ་ཆེ་བུམ་ཐང་སྐུ་རྗེས་ལུ་ བྱོན་ཐངས་གཉིས་པའི་སྐབས་ བུམ་ཐང་གི་རྒྱལཔོ་སིན་དྷུ་ར་ཛའི་ ཕྱག་ཞུ་མི་ ལོ་ཙཱ་བ་ལྡན་མ་རྩེ་མང་གིས་ བརྩམས་གནང་ནུག། དེ་ཡང་ བཀའ་ཐང་གསེར་ཕྲེང་ ལེའུ་བརྒྱད་ཅུ་པའི་ནང་ རྒྱ་ཆོས་བོད་ལུ་སྒྱུརཝ་ད་ ཤོག་ཀུ་མ་ལང་བར་ འབྲུག་ལུ་བྱོན་ ཤོག་ཀུ་ལེན་པའི་ དགའ་ཚོར་འབད་ ལོ་ཙཱ་བ་ལྡན་མ་རྩེ་མང་གིས་ མགྱོགས་ཡིག་འདི་བརྩམས་གནང་ནུག། 
༢༽ ཚུགས་ཡིག་གི་འབྱུང་ཚུལ།
སྔོན་མ་ བོད་ལུ་དམ་པའི་ཆོས་ཟེར་མི་འདི་ ཡི་གུའི་གཟུགས་བརྙན་ཙམ་ཅིག་ཡང་མེདཔ་ལས་ བོད་ཀྱི་རྒྱལཔོ་ སྲོང་བཙན་སྒམ་པོ་གི་ བློན་པོ་སམ་བྷོ་ཊ་ རྒྱ་གར་ལུ་ སངྱས་ཀྱི་བསྟན་པ་ རིགས་པའི་གནས་དང་ མདོ་རྒྱུད་ལ་སོགས་པའི་ཆོས་ལྷབ་སྦྱངས་འབད་དེ་ ལོག་བོད་ལུ་ཤོག་ཟེར་བཀའ་གནང་ནུག། རྒྱལཔོ་འདི་གིས་བློན་པོ་ལུ་བཀའ་གནངམ་བཞིན་དུ་ བློན་པོ་སམ་བྷོ་ཊ་འདི་གིས་ཡང་ དང་པ་རང་ ལེགས་སྦྱར་གྱི་དབྱངས་བཅུ་དྲུག་ཡོད་ས་ལས་ ༼ ཨི་ཨུ་ཨེ་ཨོ ༽བཞི་བཞག་སྟེ་བཅུ་གཉིས་བཏོན་གཏང་ནུག། གཉིས་པ་ཟེརརཝ་ད་ ལེགས་སྦྱར་གྱི་གསལ་བྱེད་སུམ་ཅུ་སོ་བཞི་ཡོད་ས་ལས་ ལོག་པའི་ཡི་གུ་ལྔ་ ༼ ཊ་ཋ༌ཌ༌ཎ༌ཥ ༽ དང་མཐུགས་པའི་ཡི་གུ་དྲུག་ ༼ གྷ་ཌྷ་ངྷ་བྷ་ཛྷ་ཀྴ ༽ བཏོན་གཏང་ནུག། ཨིན་རུང་ ལེགས་སྦྱར་གྱི་སྐད་ལས་ རིགས་པ་དུ་ད། ཟེར་བའི་སྒྲ་འདི་གི་དོན་ བོད་སྐད་ལས་འབད་བ་ཅིན་ གཟུགས། ཨོམ། ཨིནམ་ལས་ ཡི་གུ་མ་ལང་པར་ བློན་པོ་ཐབས་རྡུགས་ཏེ་བཞུགས་པའི་བར་ན་ ཧང་ཏོ་མ་མི་དཀརཔོ་ལྕགས་ཀྱི་བགོ་ལ་གྱོན་མི་གཅིག་ཁོ་གི་གདོང་ཁར་བྱོན་མི་ལུ་ བློན་པོ་གིས་ཁྱོད་ག་སྟེ་ལས་འོངམ་ཟེར་དྲིཝ་ད་ མི་དེ་གིས་ཞང་ཞུང་ཟེར་སླབ་ནུག། ག་སྟེ་འགྱོ་ནི་ཟེར་དྲིཝ་ད་ ཟ་འོར་ཟེར་སླབ་ནུག། ག་ཅི་འབད་བར་འགྱོ་ནི་ཟེར་དྲིཝ་ད་ མི་དེ་གིས་ཇ་ཉོ་བར་འགྱོ་ནི་ཟེར་སླབ་ད་ ནམ་ལོག་འོང་ནི་ཟེར་དྲིཝ་ད་ མི་དེ་གིས་ ཅི་ཆ་ཟེར་སླབ་སྟེ་ མི་འདི་དུས་འཕྲོ་ལས་ ག་སྟེ་ཡར་སོངམ་ཨིན་ན་མ་ཤེས་པས། དེ་ལས་ བློན་པོ་གིས་ མི་འདི་གི་ལན་ལུ་བརྟག་དཔྱད་མཛད་དེ་ ཞང་ཞུང་ཟེར་བའི་ཚིག་ལས་ ཡི་གུ་ ༼ ཞ ༽ དང་ ཟ་འོར་ཟེར་བའི་ཚིག་ལས་ཡི་གུ ༼ ཟ་འ ༽ དང་ ཇ་ཉོ་བར་ཟེར་བའི་ཚིག་ལས་ཡི་གུ ༼ ཇ ༽ དང་ ཅི་ཆ་ཟེར་བའི་ཚིག་ལས་ཡི་གུ་ ༼ ཅ་ཆ ༽ ཡི་གུ་དྲུག་ཐོབ་འདི་ གསལ་བྱེད་བསྡོམས་ཉི་ཤུ་རྩ་དགུ་དང་ དབྱངས་བཅུ་དྲུག་ཡོད་ས་ལས་  དབྱངས་དང་པ་ ༼ ཨ ༽ འདི་གསལ་བྱེད་ཀྱི་གྲས་ཁར་བཙུགཔ་ གསལ་བྱེད་སུམ་ཅུ་མཛད་གནང་ནུག།


སྡེ་ཚན་ གསུམ་པ། Proto-Tibeto-Burman Roots 
འབྲུག་གི་རྒྱལ་ཡོངས་སྐད་ཡིག་རྫོང་ཁ་འདི་ ཊི་བེ་ཊོ་བར་མཱན་ ནང་ལས་འབྱུང་བྱུངམ་འབད་བཤདཔ་ཨིན། དེ་ཡང་ ཊི་བེ་ཊོ་བར་མཱན་ལུ་ཡོད་མི་ ཁྱད་ཆོས་ཚུ་ག་ར རྫོང་ཁའི་ཡི་གུ་ནང་འགྱོ་བཏུབ་ལས་ རྫོང་ཁའི་སྐད་ཡིག་འདི་ ཊི་བེ་ཊོ་བར་མཱན་ལས་དར་ནུག།

ཁྱད་རྣམ།
  • སྒྲ་འབྱུང་བ།(Tone System): ཁ་ལས་སླབ་ད་ རྗོད་སྒྲ་གཅིག་ཨིན་རུང་ སྒྲ་མཐོ་དང་དམར་བ་ནང་ལུ་སླབ་ད་ དོན་དག་སོ་སོ་སྦེ་གོཝ་ཨིན།
  • སྒྲ་གཅིག་རྐྱང། : སྒྲ་རེ་རེ་ལུ་ དོན་དག་རེ་ཡོད་མི་ལུ་གོཝ་ཨིན།
  • བྱ་བྱེད་ལས་གསུམ། : ལཱ་ཅིག་འབད་བའི་སྐབས་ ལཱ་འབད་མི་ག་ཨིན་ན་ བྱ་བའི་ཡུལ་དང་ ལཱ་ག་ཅི་འབད་དོ་ག་སྟོན་མི་ལུ་གོཝ་་ཨིན།
སྡེ་ཚན་ བཞི་པ།  རྗོང་ཁ་སྐད་ཡིག་གྱི་འབྱུང་ཁུངས། (Influence of Choke)
དེ་ཡང་ ཆོས་སྐད་ཀྱི་ཚིག་ཚུ་ལེ་ཤ་ཅིག་ར་ རྫོང་ཁ་ནང་སྐད་སྒྱུར་འབད་ཡོདཔ་མ་ཚད་ ཚིག་དང་སྒྲ་ཚུ་ གྱངས་ཁ་མེདཔ་ཅིག་ རྫོང་ཁ་ནང་སྒྱུར་བ་འབད་ཡོདཔ་ཨིན། དེ་འབདཝ་ལས་ ཆོས་སྐད་ནང་ ར་འདོགས་ཅན་ལུ་ རྫོང་ཁའི་ནང་ ཡ་འདོགས་ཅན་སྦེ་ལྷག་དགོཔ་ཨིན། དེ་མ་ཚད་ ང་བཅས་ཀྱི་སྐད་ཡིག་ཀྱི་ཚིག་ཚུ་ མང་ཤོས་ཅིག་ར་ ཆོས་སྐད་ཀྱི་ཚིག་ཨིནམ་མ་ཚད་ འབྲི་ཐངས་ཀྱི་ལམ་ལུགས་ཚུ་ དབྱེ་བ་མ་འདྲཝ་ཡོདཔ་ཨིན། 

དཔེར་བརྗོད།

ཆོས་སྐད། :
བྲག།  བྲེལ།  སྒྲ། འགྲོ།
རྫོང་ཁ། :
  བྱག། བྱེལ། སྒྱ། འགྱོ།
  
སྡེ་ཚན་ ལྔ་པ། 
༡༽ རྫོང་ཁ
་ཟེར་བའི་ཐ་སྙད། 
འབྲུག་རྒྱལ་ཁབ་ཀྱི་ རྒྱལ་ཡོངས་ཁ་སྐད་རྫོང་ཁ་འདི་ ག་དེ་འབད་འབྱུང་ནུག་ཟེར་བ་ཅིན་ དུས་ཀྱིས་འགྱུངས་བ་དང་ཕྲིད་དེ་ བོད་སྐད། ཆོས་སྐད་ ནང་བོད་ཁ་སྐད་ཚུ་ མཉམ་དེབ་འབད་དེ་ རྫོང་ཁ་ཟེར་བའི་ཁ་སྐད་འདི་འབྱུང་ནུག། ལྷག་པར་དུ་ ཞབས་དྲུང་ངག་དབང་རྣམ་རྒྱལ་རིན་པོ་ཆེ་མཆོག་ འབྲུག་ལུ་འབྱོན་ཏེ་ འབྲུག་གི་རྫོང་ཁ་འདི་ སྔར་ལས་ལྷགཔ་འབད་ ཡར་རྒྱས་འཛད་གནང་ནུག། འབྲུག་རྒྱལ་ཁབ་ཀྱིས་རྫོང་ཁ་འདི་ དུས་རབས་  ༡༢   དེ་ཅིག་ལས་དཔོན་གྱི་སྒོ་ཁ་དང་ ཤེས་ཡོན་ཅན་གྱི་མི་བརྒྱད། གཞུང་སྐྱོང་དང་བདག་སྐྱོང་ཚུ་གི་ཁ་སྐད་ཅིག་འབད་ལག་ལེན་འཐབ་སྡོད་ནུག།

༢༽ དེང་སང་གི་རྫོང་ཁ།
སྤྱ་ལོ་ ༡༩༨༦ ལུ་ མི་དབང་འབྲུག་རྒྱལ་བཞི་པ་ དཔལ་འཇིག་མེད་སེང་གེས་དབང་ཕྱུག་མཆོག་གི་ རྫོང་ཁག་གོང་འཕེལ་གྱི་འཆར་གཞི་དང་ སྲིད་བྱུས་ལམ་སྟོད་ཚུ་བཙམ་ནི་དོན་ལུ་ རྫོང་ཁའི་གྲོས་ཚོགས་བཙུགས་དགོ་པའི་བཀའ་རྒྱ་གནང་ནུག། དེ་ལས་སྤྱ་ལོ་ ༡༩༨༩ ལུ་ ཤེས་རིག་ལྷན་ཁག་གི་ རྫོང་ཁ་གོང་འཕེལ་སྡེ་ཚན་དང་ རྫོང་ཁའི་གྲོས་ཚོགས་གཉིས་གཅིག་ཁར་བསྡབས་ཞིནམ་ལས རྫོང་ཁ་གོང་འཕེལ་ལྷན་ཚོགས་འདི་ རང་སྐྱང་གི་གཙུགས་སྡེ་ཅིག་སྦེ་ གཞི་བཙུགས་གནང་ནུག། དེ་ལས་ ལྷན་ཚོགས་འདི་རྒྱལ་ཁབ་ནང་ལུ་ རྫོང་ཁ་གོང་འཕེལ་དང་དར་ཁྱབ་གཏང་མིའི་གཙུག་སྡེ་ མཐོ་ཤོས་གཅིག་སྦེ་གནང་སྟེ་ཡོདཔ་ཨིན། རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ རྒྱལ་ཁབ་ནང་ལུ་ ཤེས་རིག་ལམ་ལུགས་དང་མི་མང་ཞབས་ཏོག་གིས་མ་ཚད་པར་ སྐད་ཡིག་གནས་ཚད་ཡར་འཕེལ་དང་རྒྱ་སྐྱད་ཀྱི་ཐོག་ལས་ རྫོང་ཁ་དར་ཁྱབ་གཏང་ནིའི་འཆར་གཞི་བརྩམས་དོ་ཡོདཔ་ཨིན། འདི་བཟུམ་སྦེ་ ཡོངས་གྲགས་ཡོད་པའི་གློག་རིག་རིམ་ལུགས་ཚུ་ནང་ གནས་ཚད་གཞིར་བཞག་གི་ རྒྱབ་སྐྱོར་མཐུན་རྐྱན་ཚུ་བཟོ་ནི་ལུ་ བརྩོན་ཤུགས་བསྐྱད་དོ་ཡོདཔ་ཨིན།

དཔེར་བརྗོད།  
ཨེམ་ཨེས་ཝུན་ཌོ། (MS Window)
ཡོངས་འབྲེལ་རིམ་ལུགས་ (Internet) 
                        

Comments

Popular posts from this blog

ཡི་གུའི་སྦྱར་བ་། ༼ སྔོན་འཇུག་གི་འཇུག་ཚུལ། ༽

Reflection on Constructivist Theories in Educational Settings

A Critical Look at Maslow and Self-Determination Theory in Educational Settings.