རྣམ་དབྱེ་ བརྒྱད།

                                      
                                                              
            







༡༽ རྣམ་དབྱེ་དང་པ་ངོ་བོ་ཙམ་སྟོན་པ།

ཅ་ལ་ཨིན་རུང་ ཡང་ན་ མི་ཨིན་རུང་ ག་ཅི་ར་ཨིན་རུང་ འདི་ཨཱ་ནི་ཨིནམ་སྦེ་ཟེར་བའི་ ངོས་འཛིན་འབད་ཚུགསཔ་ཙམ་ཅིག་གི་ མིང་ཙམ་ཅིག་མ་གཏོགས་ འདི་གི་ཁྱད་ཆོས་དང་ཁྱད་ཚིག་ཚུ་ ག་ནི་ཡང་མ་སྟོན་མི་  ཚིག་ཅིག་ལུ་ངོ་བོ་ཙམ་སྟོན་པ་ཟེར་སླབ་ཨིན།

དཔེར་ན།

རྡོ་རྗེ། སྤ་རོ། དབྱངས་ཅན་ཕུག་སློབ་གྲྦ། རོ་ཁྱི། ནགས་ཚལ། ཨམ་སྲུ། ཕོ་སྐྱེས། ཟེར་ ངོས་འཛིན་འབད་ཚུགས་ནི་གི་དོན་ལུ་ མིང་ཙམ་ཅིག་ བརྗོད་པའི་བརྗོད་ཐངས་ཅིག་ལུ་ རྣམ་དབྱེ་དང་པ་ངོ་བོ་ཙམ་སྟོན་པ་ཟེར་སླབ་ཨིན།

 ༢༽ རྣམ་དབྱེ་གཉིས་པ་ལས་སུ་བྱ་བ།

བྱ་བའི་ཡུལ་གི་སྟེང་ལུ་ བྱེད་པ་པོ་ཅིག་གི་ བྱ་བ་ཅིག་འབདཝ་འབད་ སྟོན་མི་ཚིག་གི་སླབ་ཐངས་ཅིག་ལུ་ རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་ཟེར་སླབ་ཨིན།

ལས་སུ་བྱ་བ་ལུ་ བྱེད་པ་པོ། བྱ་བའི་ཡུལ། བྱ་བ། གསུམ་དགོཔ་ཨིན། ཡང་ཅིན་ བྱེད་པ་པོ་མེད་རུང་ བྱ་བའི་ཡུལ་གྱི་སྟེང་ལུ་ བྱ་བ་ཅིག་འབད་འབདཝ་དགོཔ་ཨིན།

 འདི་ལུ་ནང་གསེས་ཀྱི་དབྱེ་བ།

·     ༡. ལས་སུ་བྱ་བའི་རྣམ་དབྱེ།

ལས་སུ་བྱ་བ་ལུ་ ཕྲད་ཡང་ན་རྐྱེན་ ན། ར། ལུ། གུ། བཞི་འཇུགཔ་ཨིན།

ང་བཅས་རྫོང་ཁ་ངག་བཤད་དང་འཁྲིལཝ་ད་ བྱ་བའི་ཡུལ་གྱི་སྟེང་ལུ་ བྱ་བ་ཅིག་འབདཝ་འབད་ སྟོན་མི་འདི་ ཕྲད་ ན།ར།ལུ།གུ། བཞིཔོ་གི་སྟོནམ་ཨིན།

དཔེར་ན།

ཕྱི་ཁར་སོང། ཁྲོམ་ཁར་སོང།  


ཕྱི་ཁ་ ཟེར་སླབ་རུང་ ཡིག་ཐོ་ལུ་བྲིཝ་ད་ ཕྲད་ ར་ འབྲི་དགོཔ་ཨིན། འདི་མེདན་ བརྡ་སྦྱོར་གྱི་ནོར་བ་དང་ནོར་འཕྲུལ་འབད་བརྩིཝ་ཨིན།འདི་འབདཝ་ལས་ འབྲི་བའི་སྐབས་ ཕྲད་འཚལ་དགོཔ་ཁག་ཆེཝ་ཨིན།

 

·   ༢.ཡུལ་ལས་དབྱེར་མེད་ཀྱི་རྣམ་དབྱེ།

བྱ་བ་དང་བྱ་བའི་ཡུལ་དེ་ནི་ སོ་སོ་འབད་ དབྱེ་བ་ཕྱེ་མ་ཚུགས་མི་ལུ་ སླབ་ཨིན། ཡང་ན་ བྱ་བའི་ཡུལ་དང་ལས་གཉིས་དབྱེ་བ་ཕྱེ་མ་ཚུགས་པའི་ ཚིག་གི་སླབ་ཐངས་ཅིག་ལུ་ བྱ་ལས་དབྱེར་མེད་ཀྱི་རྣམ་དབྱེ་ཟེར་སླབ་ཨིན།

བྱ་ལས་དབྱེར་མེད་ཀྱི་ཕྲད་ ར་ དང་ ལུ་ གཉིསཔོ་ཨིན།

དཔེར་ན། 

ཤིང་སེར་པོར་གྱུར། བུམོ་མཁའ་འགྲོ་མར་གྱུར། ཨོམ་ལུ་གྱུར།

 

༣༽ རྣམ་དབྱེ་གསུམ་པ་བྱེད་པ་པོ།

ལཱ་འབད་མི་འདི་ལུ་ བྱེད་པ་པོ་ཟེར་སླབ་ཨིན།

ལཱ་ག་གི་འབད་འབདཝ་ཨིན་ན་ བྱ་བ་ག་གི་འབད་འབདཝ་ཨིན་ན་ སྟོན་མི་ གང་ཟག་ཨིན་རུང་དངོས་པོ་ཨིན་རུང་ ཨ་ནི་ཨིན་ཟེར་མི་ལུ་སླབ་ཨིན།

བྱེད་པ་པོ་སྟོན་མི་རྣམ་དབྱེ་གི་སྐབས་ལུ་ བྱེད་པ་པོ་ གང་ཟག་ཡང་ན་ དངོས་པོ་གི་འབད་མི་ བྱ་ཚིག་ཀཅིག་དགོཔ་ཨིན།

བྱེད་པ་པོ་དང་བྱ་ཚིག་གི་བར་ན་ འབྲེལ་བ་འདི་ ག་གི་བཟོཝ་སྨོ་ཟེར་བ་ཅིན་ བྱེད་པ་པོ་གི་སྒྲ་གི་བཟོཝ་ཨིན།

 བྱེད་པ་པོ་གི་ཕྲད།

ཀྱིས། གྱིས། གིས།

 བྱེད་པ་པོ་གི་ནང་གསེས་ཀྱི་དབྱེ་བ།

བྱེད་པ་པོ་གཙོ་བོ། - སྟག་གི་མཆོངས་ ཟེར་དོ་བཟུམ་ ལཱ་འབད་མི་གཙོ་བོ་ ༼སྟག།༽ སྟོན་མི་ལུ་སླབ་ཨིན།

བྱེད་པ་པོ་ཕལ་པ། - སྨན་གྱི་ཕན་ ཟེར་དོ་བཟུམ་ ལཱ་འབད་མི་རང་མེན་པར་ གཞན་ལུ་བརྟེན་དགོཔ་ལས་བྱེད་པ་པོ་ཕལ་པ་ཟེར་སླབ་ཨིན།

རང་བཞིན་བྱེད་པ་པོ། - འདམ་གྱི་གང་ ཟེར་དོ་བཟུམ་ བྱ་བ་ཅིག་རང་བཞིན་འབད་འབྱུང་མི་ལུ་ རང་བཞིན་བྱེད་པ་པོ་ཟེར་སླབ་ཨིན། 

 

༤༽ རྣམ་དབྱེ་བཞི་པ་དགོས་ཆད།

བྱེད་པ་པོ་ལུ་ཕན་ཐོགས་བའི་ ལཱ་ཅིག་འབདཝ་འབད སྟོན་མི་ལུ་ རྣམ་དབྱེ་བཞི་པ་དགོས་ཆད།

 དགོས་ཆད་ཀྱི་ཕྲད།

ར། ལ། གུ།

དཔེར་ན། དབང་ཞུ་བར་འགྱོ་དེས། ལཱ་འཚོལ་བར་སོང།

ཕྲད། 

དཔེར་བརྗོད།

  

དབང་ཞུ་བར་འགྱོ་དེས།

ལུ། 

སེམས་ཅན་ལུ་སྦྱིན་པ་གཏང་།

གུ།  

མིག་ཏོ་གུ་མིག་ཤེལ་བཙུགས།

༥༽ རྣམ་དབྱེ་ལྔ་པ་འབྱུང་ཁུངས།

དངོས་པོ་ཅིག་འབྱུང་སའི་ གཞི་ག་སྟེ་ཨིན་ན་ སྟོན་མི་ལུ་ རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཟེར་སླབ་ཨིན།

 

འབྱུང་ཁུངས་ཀྱི་ཕྲད། ༼ལས༽

 

འབྱུང་ཁུངས་ཀྱི་དབྱེ་བ།

༡༽ འབྱུང་ཁུངས་ཀྱི་དངོས།

དཔེར་ན། མེ་ལས་དུ་པ།

 ༢༽ འབྱུང་ཁུངས་ཆ་འདྲཝ།

དཔེར་ན། ཤིང་ལས་བྱ།

༣༽ རྒྱུ་མཚན།

དཔེར་ན། ལཱ་འབདཝ་ལས་གླ་འཐོབ།

 ༤༽ འདྲན་བསྡུར།

༥༽  དུད་སྒྲ།

༦༽ རྣམ་དབྱེ་དྲུག་པ་འབྲེལ་བ།

འབྲེལ་སྒྲ་ཟེར་མི་འདི་ གང་ཟག་དང་དངོས་པོ་ཚུ་གི་བར་ན་ འབྲེལ་ བ་སྟོན་པའི་ཚིག་ཅིག་ལུ་སླབཔ་ཨིན། 

ཕྲད: ཀྱི། གི། གྱི། འི། ཡི།

ཀྱི: ད། བ། ས། ག། ང།

གྱི: ན། མ། ར།

འི: འ་དང་མཐའ་མེད་ཀྱི་རྗེས་སུ་ 

ཡི: ཚིག་ཁ་སྐོང་དགོཔ་ད

དབྱེ་བ: ངོ་བོ་བདག་ གཅིག དེ་ལས་དེ་འབྱུང་། རྟེན་དང་བརྟེན་པ། ཡན་ལག་དང་ཡན་ ལག་ཅན། ཁྱད་གཞི་དང་ཁྱད་ཆོས། ནོར་དང་བདག་པོ་བཅས་དྲུག་ ཡོད། 

དཔེར་ན།

དཔེར་བརྗོད།

༡. ངོ་བོ་བདག་གཅིག

དཔེ: དུང་གི་བུམ་པ།

༢ དེ་ལས་དེ་འབྱང་།

དཔེ: དཔོན་གྱི་གསོལ་ར།

༣. རྟེན་དང་བརྟེན་པ།

དཔེ: ཐབ་ཀྱི་མེ།

༤. ཡན་ལག་དང་ཡན་ ལག་ཅན།

དཔེ:  བྱང་ཆུབ་སེམས་དཔའ་ གི་ཕྱག

༥. ཁྱད་གཞི་དང་ཁྱད་ ཆོས།

དཔེ: ཤེལ་གྱི་འོད།

༦. ནོར་དང་བདག་པོ།

དཔེ: ཁོ་གི་རྒྱུ་ནོར།

མཐའ་མེད་ཁ་ མ་སྐོང་བ།

འི: མོའི་རྒྱན་ཆ

ཡི: ཕོ་ཡི་གྱོན་ཆས

༧  བདུན་པ་གནས་གཞི།

གནས་གཞི་ཟེར་མི་འདི་ གང་ཟག དངོས་པོ་ག་ཅི་ར་འབད་རུང་ ཡུལ་དང་དུས་ཀྱི་གཞི་གཅིག་ལུ་ གནས་ཏེ་ཡོད་པའི་དོན་སྟོན་པའི་ ཚིག་ཅིག་ལུ་སླབཔ་ཨིན། 

ནང་གསེས་ཀྱི་དབྱེ་བ: ཡུལ་གྱི་ གཞི་ལ་གནས་པར་སྟོན་པ། དུས་ཀྱི་གཞི་ལ་གནས་པ།

ཡུལ་གྱི་གནས་གཞི་ལུ་ ཕྲད་ ན། ར། ལུ། གུ།

དུས་ཀྱི་གནས་གཞི་ལུ་ ན། ར། ལུ།


དཔེར་བརྗོད།

༡. ཡུལ་གྱི་གནས་གཞི།

དཔེ: ལྷ་ཁང་ནང་ན་སྐུ་ཡོད།

གྱང་གི་རྩ་བར་ཀླུ་ཁང་ཡོད།

ཐིམ་ཕུག་ལུ་མི་སྣ་ཚོགས་

ཤིང་གུ་བྱ་ཆགས་ནུག


༢. དུས་ཀྱི་གནས་གཞི།

དཔེ: མོ་མ་ལྷོད་བར་ན་བསྒུག་ གནང་།

གནམ་སོ་ཁར་ཤིང་གི་འདབ་ མ་བུད་འོང་།

ཚེས་བཅོ་ལྔ་ལུ་དཀར་མེ་ཕུལ།


 བརྒྱད་པ་བོད་སྒྲ།

བོད་སྒྲ་ཟེར་མི་འདི་ གང་ཟག་མཆོག་དམན་འབྲིང་གསུམ་ག་ར་ འབོ་ རུང་ མིང་གི་ཐོག་མཐའ་དང་ ཚིག་གི་ཐོག་མཐའ་བར་གསུམ་ལུ་སྦྱར་བའི་ཚིག་ཅིག་ལུ་སླབཔ་ཨིན།

དབྱེ་བ: གང་ཟག་ལུ་ཐོབ་པའི་ བོད་སྒྲ།  ལས་ཚིག་ལུ་ཐོབ་པའི་སེམས་ཚོར་སྟོན་པའི་སྒྲ།

ཕྲད/འབོད་སྒྲའི་ཚིག: ཀྱེ། ཆིད་ ཆིད། དབའི། ཨའུ། ཁོ་རེ། ཀྭའི། སྤ། སྤའོ། ཛའི། ཨའོ།

 

དཔེར་བརྗོད།

 ཀྱེ། ལྟོ་ཚང་ཡི་གུ་འདི་ནཱ་ གཏང་ཞིག

ཆིད་ཆིད། ནཱ་ཤོག་ཞིག

དབའི། ཁྱོད་ག་ཅི་འབདཝ།

ཨའུ། ཁྱོད་ག་ཏེ་འགྱོ་ནི་སྨོ།

ཁོ་རེ། དེ་སྦེ་ར་འདི་མི་བཏུབཔ་འོང་།

ཀྭ་ཡེ། སྣང་ས་འོད་འབུམ།

སྤ། ལེགས་མི་ལེགས།

སྤའོ། འཇའ་བས་སྨ་རེ།

ཛའི། འདྲོག་པས་སྨ་རེ།

ཨའོ། དེ་འདི་བཞགཔ་ དྲག་འོང།

Comments

Popular posts from this blog

ཡི་གུའི་སྦྱར་བ་། ༼ སྔོན་འཇུག་གི་འཇུག་ཚུལ། ༽

Reflection on Constructivist Theories in Educational Settings

A Critical Look at Maslow and Self-Determination Theory in Educational Settings.